སྐུ་ཉིད་ངའི་དྲ་སྟགས་ལ་ཕེབས་པར་དགའ་བསུ་ཞུ། ཕྲན་གྱི་དམིགས་འབེན་དང་བསམ་ཕོགས་ངོ་སྤྲོད་མདོར་བསྡུས་ཤིག་བྱ།

ང་ནི་རང་མི་རིགས་ཀྱི་རིག་གནས་ཀྱི་རྒྱུ་ཆ་སྣ་རེ་ཡིན་ཡང་མི་རིགས་གཞན་ལྟར་དྲ་རྒྱའི་དཀྱིལ་འཁོར་ནང་མཉམ་འཇོག་བྱ་ཐུབ་ན་སྙམ་པའི་ཀུན་སློང་དེ་ཉིན་མཚན་གཉིས་ཆར་སེམས་སུ་ཉར་ནས་ཡོད་མཁན་ཞིག་ཡིན། རྒྱུ་མཚན་འགའ་ཤས་ཡོད་དེ། ང་ཚོའི་རིག་གནས་དེ་ཇི་སྲིད་བར་དུ་གནས་དགོས་ན་དེ་བཀོལ་སྤྱོད་བྱ་དགོས། བཀོལ་སྤྱོད་བྱེད་པ་ལ་སྤྱོད་མཁན་ལ་དུས་རབས་ཀྱི་འགྲོས་དང་མཐུན་པའི་འགྱུར་བ་དང་སྟབས་བདེ་བསྐྲུན་རྒྱུ་དེ་འགག་རྩ་ཡིན་པས་སོ།། དེས་ན་འདིའི་ཐད་གུས་པར་མཉམ་ལས་དང་རོགས་རམ་འདེགས་བྱ་འདོད་མཁན་ཚོས་གུས་པའི་གློག་འཕྲིན། dhonduptiger658@gmail.com ལ་འབྲེལ་རོགས།